搜索

当前位置: 首页 / 新闻中心 / 宗教动态

班禅:坚决防止藏传佛教沦为西方反华势力的工具པཎ་ཆེན་རིན་པོ་ཆེས་་་

发布时间:2021-07-30 17:32
来源:中国新闻网
访问量:
【打印文本】
分享到:

“由于西方反华势力和分裂势力的利用,给藏传佛教蒙尘。我们要坚决同一切分裂势力划清界线,坚决防止藏传佛教包括寺庙僧尼沦为西方反华势力反对祖国、分裂民族的工具和实现其政治图谋的牺牲品。”全国政协常委、中国佛教协会副会长、中国佛协西藏分会会长班禅额尔德尼·确吉杰布日前表示。

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་།  ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།  ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས།  “ནུབ་ཕྱོགས་ཀྲུང་རྒོལ་ཕྱོགས་ཁག་དང་ཁ་བྲལ་ཕྱོགས་གཏོགས་ཀྱིས་བེད་སྤྱད་པ་དེས་བོད་བརྒྱུད་ནང་བསྟན་ལ་ཤུགས་རྐྱེན་ཐེབས་པས། ང་ཚོས་ཁ་ཕྲལ་ཕྱོགས་གཏོགས་མཐའ་དག་དང་དབྱེ་མཚམས་མཐའ་གཅིག་ཏུ་ཕྱེ་ནས། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཚུད་པའི་གྲྭ་བཙུན་རྣམས་ནུབ་ཕྱོགས་ཀྲུང་རྒོལ་ཕྱོགས་གཏོགས་ཀྱིས་མེས་རྒྱལ་ལ་ངོ་རྒོལ་དང་མི་རིགས་ཁ་ཕྲལ་གཏོང་བའི་ལག་ཆ་དང་། ཆབ་སྲིད་ལྐོག་གཡོ་མངོན་འགྱུར་བྱེད་པའི་ལག་ཆར་འགྱུར་བར་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས་”ཞེས་གསུངས་པ་རེད། 

   

近日,班禅来到四川省甘孜州、阿坝州参访调研,先后与当地藏传佛教界代表人士围绕“坚持我国宗教中国化方向”这一主题座谈。班禅认真倾听藏传佛教界代表人士发言,不时提笔记录,并分享了自己的学修心得。

 ཉེ་ཆར།   པཎ་ཆེན་རིན་པོ་ཆེ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དང་རྔ་པ་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་ནས། སྔ་རྗེས་སུ་ས་གནས་དེ་གའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མི་དང་ལྷན་དུ། “རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་སུ་མཐའ་འཁྱོངས་བྱ་དགོས་”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་བཞུགས་མོལ་གནང་བ་རེད།  པཎ་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མི་ཚོའི་གཏམ་བཤད་ནན་ཏན་ངང་གསན་ནས་ཟིན་ཐོ་ཡང་ཡང་བཀོད་པར་མ་ཟད།  རང་ཉིད་ཀྱི་སློབ་སྦྱོང་མྱོང་ཚོར་ཡང་གླེང་བ་རེད།

班禅表示,在中国特色的社会主义制度下,藏传佛教要发挥正向、积极的作用,特别是在反分裂的过程中,任务非常重。历史上,藏传佛教对中华民族作出过贡献。比如在元、明、清等时期,藏传佛教在维护国家统一、推动民族团结、促进地区交往方面功不可没。 

他勉励藏传佛教界人士,高举起爱国爱教的旗帜,引领整个藏传佛教健康发展,推动和坚持我国宗教中国化方向发展,成为藏传佛教历史发展的主流,引导和团结好广大信教群众。

པཎ་ཆེན་རིན་པོ་ཆེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་བོད་བརྒྱུད་ནང་བསྟན་གྱིས་དྲང་ཕྱོགས་དང་དགེ་མཚན་ལྡན་པའི་ནུས་པ་དང་།  ལྷག་དོན་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་བརྒྱུད་རིམ་ནང་ལས་འགན་ལྕི་པོ་ཡོད་པ་དང་། ལོ་རྒྱུས་ཐོག་བོད་བརྒྱུད་ནང་བསྟན་གྱིས་ཀྲུང་ཧྭ་མི་རིགས་ལ་བྱས་རྗེས་བཞག་ཡོད་པ་དཔེར་ན།  ཡོན་མིང་ཆིང་སོགས་ཀྱི་དུས་སྐབས་སུ་བོད་བརྒྱུད་ནང་བསྟན་གྱིས་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་དང་།  མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད།  ས་ཁུལ་དབར་གྱི་འགྲོ་འོང་ལ་སྐུལ་འདེད་བཅས་བྱས་པའི་ཐད་བྱས་རྗེས་མི་དམན་པ་བཞག་ཡོད་ཅེས་གསུངས་པ་རེད།   

ཁོང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་།  བོད་བརྒྱུད་ནང་བསྟན་ཧྲིལ་པོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་པ།  རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་མཐའ་འཁྱོངས་བཅས་བྱས་ནས། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་གཙོ་རྒྱུན་དུ་བསྒྱུར་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་དང་མཐུན་སྒྲིལ་ཡག་པོ་བྱ་དགོས་པའི་སྐུལ་ལྕག་གནང་བ་རེད།

班禅分析指出,宗教中国化有两层理解,一是同中华文化相融合,藏传佛教本身也是佛教中国化的具体产物;二是要与中国特色社会主义社会相适应。因此,让藏传佛教在新时代发挥好积极作用,使藏传佛教成为维护祖国统一、促进民族团结的正能量,是落在当代藏传佛教界人士肩上的责任,也是藏传佛教迈向下一个世纪的门槛。  

他强调,宗教要辅助好、支持好党和政府的工作,服务好广大人民群众。不能把信教群众的信仰需求变成干涉社会事务的号召力,而是要把它当作实现自己人生价值、初心使命的机遇和平台。

པཎ་ཆེན་རིན་པོ་ཆེས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་རྒྱུར་གོ་དོན་གཉིས་ཡོད་པ་སྟེ།  གཅིག་ནི་ཀྲུང་ཧྭའི་རིག་གནས་དང་མཉམ་འདྲེས་བྱེད་དགོས་ལ། བོད་བརྒྱུད་ནང་བསྟན་དེ་ཉིད་ཀྱང་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཞིབ་ཕྲའི་ཐོན་དངོས་ཤིག་ཡིན་པ་དང་།  གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་བྱ་དགོས།   དེར་བརྟེན། བོད་བརྒྱུད་ནང་བསྟན་གྱིས་དུས་རབས་གསར་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། བོད་བརྒྱུད་ནང་བསྟན་དེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་དྲང་ནུས་ཤིག་ཏུ་འགྱུར་བ་བྱ་རྒྱུ་ནི་དེང་རབས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣའི་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་ཡིན་ལ།  བོད་བརྒྱུད་ནང་བསྟན་དེ་དུས་རབས་རྗེས་མའི་ཕྱོགས་སུ་བསྐྱོད་པའི་ཚད་གཞི་ཞིག་ཀྱང་ཡིན་ཅེས་དང་།

ཁོང་གིས་ཆོས་ལུགས་ཀྱིས་ཏང་དང་སྲིད་གཞུང་གི་ལས་དོན་ལ་གཞོགས་འདེགས་ཡག་པོ་དང་རྒྱབ་སྐྱོར་ཡག་པོ་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་དགོས།   ཆོས་དད་མང་ཚོགས་ཀྱི་དད་མོས་ཀྱི་དགོས་མཁོ་དེ་སྤྱི་ཚོགས་ལས་དོན་ལ་ཐེ་གཏོགས་བྱེད་པའི་འབོད་སྐུལ་གྱི་ནུས་པར་འགྱུར་མི་རུང་བར། རང་ཉིད་ཀྱི་མི་ཚེའི་རིན་ཐང་དང་ཐོག་མའི་བསམ་འདུན་མངོན་འགྱུར་བྱེད་པའི་གོ་སྐབས་དང་ལས་སྟེགས་སུ་བརྩི་དགོས་ཞེས་ནན་གསུངས་གནང་ཡོད།

班禅还指出,宗教要去除功利化、迷信化、商业化。我们给众生讲经,要让信教群众变得更加勤奋、智慧、善良和积极,而不能成为一种迷信。  

 “比如孩子不好好学习,临考试了到寺庙拜一下,求佛保佑考个好成绩,这个时候我们应该用佛理去告诉这些信徒,只有努力刻苦学习,才可能有好成绩。”班禅举例指出,僧人自身的修行也如此,要靠努力才能积累知识。

པཎ་ཆེན་རིན་པོ་ཆེས་ད་དུང་ཆོས་ལུགས་ཀྱིས་ཁེ་ཕན་ཅན་དང་།  རྨོངས་དད་ཅན།  ཚོང་ལས་ཅན་བཅས་མེད་པ་བཟོ་དགོས་ཞེས་གསུངས་པ་དང་།  ཁོང་གིས་ང་ཚོས་འགྲོ་བ་ཀུན་ལ་ཆོས་བཤད་དེ།  དད་ལྡན་མང་ཚོགས་རྣམས་སྔར་བས་བརྩོན་འགྲུས་ལྡན་པ་དང་།  བློ་གྲོས་ལྡན་པ།  སེམས་པ་བཟང་བ།  ཧུར་བརྩོན་ལྡན་པ་བཅས་སུ་འགྱུར་བར་བྱེད་པ་ལས་རྨོངས་དད་དུ་འགྱུར་བར་བྱ་མི་རུང་ཞེས་གསུངས་པ་རེད།

པཎ་ཆེན་རིན་པོ་ཆེས་དཔེ་ཡི་སྒོ་ནས་བསྟན་དོན། “དཔེར་ན་ཕྲུ་གུས་སློབ་སྦྱོང་ཡག་པོ་མ་བྱས་པར།  ཡིག་རྒྱུགས་མ་གཏང་གོང་དགོན་སྡེར་སྨོན་ལམ་ཁོ་ན་འདེབས་པར་འགྲོ་བའི་སྐབས།  ང་ཚོས་སངས་རྒྱས་ཀྱི་གནས་ལུགས་ལ་བརྟེན་ནས་དད་ལྡན་པ་ཚོར་སྦྱངས་བརྩོན་བྱས་ན་གཞི་ནས་འབྲས་བཟང་ཐོབ་རྒྱུ་ཡིན་པ་བཤད་དགོས་”ཅེས་དང་།   དགེ་འདུན་པ་རང་ངོས་ཀྱི་སྒོམ་སྒྲུབ་ཀྱང་དེ་ལྟར་ཡིན་པས་འབད་བརྩོན་བྱས་ཚེ་གཞི་ནས་ཤེས་བྱ་ཐོབ་ཐུབ་ཅེས་གསུངས་པ་རེད།

班禅表示,如果能够正向引导信众,佛教就能发挥推动社会和谐安定的积极作用。只有符合社会发展的需求,人民的需要,佛教才可能继续更好地发展。

པཎ་ཆེན་རིན་པོ་ཆེས།  གལ་ཏེ་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་བྱ་ཐུབ་ཚེ་ནང་བསྟན་གྱིས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཐུབ་ཅེས་གསུངས་པ་དང་།   སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པ་དང་།  མི་དམངས་ཀྱི་དགོས་མཁོ་དང་མཐུན་ཚེ།  གཞི་ནས་ནང་བསྟན་མུ་མཐུད་དུ་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་ཐུབ་ཅེས་གསུངས་པ་རེད།

责任编辑:黄胜琴

扫一扫在手机打开当前页

相关新闻