搜索

当前位置: 首页 / 政务公开 / 基础信息公开 / 通告公示

拉 萨 市 佛 教 协 会关于保护生态环境 文明理性煨桑的倡议书

发布时间:2020-05-06 11:03
来源:市佛教协会
访问量:
【打印文本】
分享到:

རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ།

བསངས་གསོལ་ལམ་བསངས་མཆོད་ནི་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་ཚོས་སྤ་མ་བ་ལུ་སོགས་འོས་འཚམས་བེད་སྤྱོད་བྱས་ཏེ། མཆོད་པ་ཕུལ་བའི་ཆོས་ལུགས་ཀྱི་གོམས་སྲོལ་ཞིག་ཡིན་ལ། དམངས་ཁྲོད་ཀྱི་གོམས་སྲོལ་ཞིག་ཀྱང་ཡིན། །

དེང་དུས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་ལེགས་སུ་སོང་བ་དང་བསྟུན་ཏེ། དད་ལྡན་མང་ཚོགས་ཉུང་ཤས་ཀྱིས་སྤ་མ་བ་ལུ་སོགས་ཕོན་ཆེན་བསངས་གསོལ་བྱེད་པ་འདི་ད་ལྟ་རྒྱུ་ངོམ་འགྲན་རྩོད་བྱེད་པའི་བྱ་སྤྱོད་ལ་གྱུར་ཡོད་པ་རེད་ལ། སྤ་མ་བ་ལུ་འབོར་ཆེན་གཏོར་བརླག་ཏུ་འགྲོ་བཞིན་ཡོད། རྩི་ཤིང་འདི་དག་ནི་སྐྱེས་འཚར་ཧ་ཅང་འགོར་པོ་ཡིན་ཞིང་། འདི་དག་ལ་སྐྱེ་ཁམས་སྲུང་སྐྱོབ་དང་། ས་ཆུ་སྲུང་འཛིན། རླུང་འགོག་བྱེ་བཅོས་ཀྱི་ནུས་པ་ལྡན་ཡོད་པ་རེད། སྤ་མ་བ་ལུ་ཕོན་ཆེན་བསངས་རྫས་བྱེད་པ་འདིས་ཁོར་ཡུག་ལ་ཐད་ཀར་གནོད་སྐྱོན་ཐེབས་པ་མ་ཟད། མེ་སྐྱོན་གྱི་ཉེན་ཁ་ཡང་ཆེན་པོ་ཡོད་པ་རེད། །

སྟོན་པ་བཅོམ་ལྡན་འདས་ཀྱིས་གྲྭ་བཙུན་རྣམས་ལ་རི་ཆུ་ནགས་གསུམ་ལ་སྲུང་སྐྱོབ་བྱེད་པའི་བསླབ་བྱ་གནང་ཡོད་ལ། དགེ་འདུན་དབྱར་གནས་ལ་བཞུགས་དགོས་པ་རེད། སྟོན་པའི་བཀའ་བཞིན་བོད་བརྒྱུད་ནང་བསྟན་གྱིས་ཀྱང་ཚེ་སྲོག་ལ་གཅེས་སྤྲས་དང་། ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་གལ་ཆེན་དུ་བརྩི་བཞིན་ཡོད་པ་རེད་ལ། བརྩེ་བ་ཀུན་ལ་ཁྱབ་ཅིང་། སྡིག་པ་ཅི་ཡང་མི་བྱ་བའི་བོད་བརྒྱུད་ནང་བསྟན་གྱིས་བསངས་གསོལ་གྱི་རྩ་བ་སེམས་ལ་རགས་ལས་ཡོད་པ་ལས། བསངས་རྫས་མང་ཉུང་ལ་རགས་ལས་མེད་ཅེས་གསུངས་ཡོད། རྒྱུ་ངོམ་འགྲན་རྩོད་ཀྱི་བསངས་གསོལ་དང་། ཚུལ་ལྡན་ལུགས་མཐུན་གྱི་བསངས་གསོལ་གཉིས་ཀྱི་བསོད་ནམས་དང་དགེ་བ་ཡང་མི་འདྲ་བ་ཡིན། །

དེར་བརྟེན་ང་ཚོས་གྲོས་འདོན་བྱ་རྒྱུར།

གཅིག བསངས་གསོལ་ནི་རྒྱུན་གཏན་གྱི་ཆོས་ལུགས་ལུགས་སྲོལ་ཞིག་དང་། དམངས་ཁྲོད་གོམས་སྲོལ་ཞིག་ཡིན་པས། ལུགས་སྲོལ་འདི་ཉིད་གྲོང་མི་ཉུང་ཤས་ཀྱི་རྒྱུ་ངོམ་འགྲན་རྩོད་བྱེད་པའི་ལག་ཆར་མ་གྱུར་བ་བྱས་ནས། ཚུལ་ལྡན་ལུགས་མཐུན་གྱི་བསངས་གསོལ་གོམས་སྲོལ་རྒྱུན་འཁྱོངས་དང་སྲུང་སྐྱོབ་བྱེད་དགོས། །

གཉིས། བོད་བརྒྱུད་ནང་བསྟན་གྱི་ཚེ་སྲོག་ལ་གཅེས་སྤྲས་དང་། ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་ཆོས་ཀྱི་སྙིང་པོ་དང་བསྟུན་ཏེ། སྤ་མ་བ་ལུ་ཐུམ་བུ་དང་ཐུམ་བུ་བསངས་རྫས་སུ་མི་བྱེད་པར། མི་རབས་རྗེས་མར་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཇོག་དགོས། །

                                                ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ནས།       

                                         ༢༠༡༨ལོའི་ཟླ་བ་༤ཚེས་༡༦ཉིན།    

广大僧尼、信教群众:

煨桑是藏传佛教信徒通过阴燃适量的藏蒿等植物粉末进行祈愿的一种宗教行为,也是藏族传统的民俗行为。随着群众物质生活的不断提高,不少信教群众煨桑时燃烧大捆爬地柏和小叶杜鹃等灌木,并且出现了攀比行为,这导致大量爬地柏和小叶杜鹃被砍伐,这些植被生长缓慢,具有重要的生态价值和水土保持、防风固沙作用,因过度煨桑而被大量采挖对生态环境造成直接伤害,还存在火灾隐患。

佛祖释迦牟尼在世时曾教导僧众保护山林,并定下比丘结夏安居的律制;按照佛祖的教诲,藏传佛教向来倡导爱惜生命、保护环境、利乐有情、诸恶莫作。藏传佛教认为,煨桑的关键在于发心,而不在于桑料的多少,炫耀的过度煨桑和文明的理性煨桑行为,功德和果报是截然不同的。为此,我们倡议:

1.煨桑这一传统的宗教行为、民俗行为,不应该成为少数市民炫耀宗教消费的工具,应该保护和坚持文明理性的煨桑习俗。

2.遵从藏传佛教爱惜生命、保护环境的教规教义,不要大捆燃烧爬地柏的小叶杜鹃,为子孙后代留下美丽的家园。

                                                                                          拉萨市佛教协会

                  2018年4月16日         

   

责任编辑:市宗教局管理员

扫一扫在手机打开当前页

相关新闻